Skip to main content

སུམ་ཅུ་བའི་འཛིན་གྲྭ།


Khyentse Foundation

སློབ་ཚན་གྱི་སྐོར།

འདི་ནི་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་བའི་སློབ་ཚན་ཞིག་ཡིན་ལ། འཁྲིད་བྱའི་གཞུང་མཁས་དབང་དམུ་དགེ་བསམ་གཏན་མཆོག་གིས་མཛད་པའི་བརྡ་སྤྲོད་བློ་གསལ་འཇུག་ངོགས་ཡིན། བརྡ་སྤྲོད་སློབ་གཉེར་བྱེད་མཁན་ལས་དང་བོ་བ་ཚོར་ཆེད་དུ་དམིགས་ནས་སློབ་ཁྲིད་སྐབས་རྒྱུན་སྤྱོད་ཀྱི་མིང་ཚིག་དང་ཐ་སྙད་ལས་སླ་བོའི་རིགས་བཀོལ་སྤྱོད་བྱེད་གང་ཐུབ་དང་། ཚིག་གྲུབ་ཀྱང་ཅི་ཐུབ་ཀྱིས་ཐུང་ཐུང་བཟོ་བར་འབད་བརྩོན་བྱས་ཡོད། སློབ་ཚན་བསྒྲིགས་སྐབས་ནང་དོན་ཁྲིད་གཞུང་ལྟར་རང་སོར་བཞག་ཡོད་མོད། དགོས་པའི་དབང་གིས་ཁྲིད་གཞུང་གི་སྡེ་ཚན་འགའ་ཤས་གོང་འོག་དཀྲུགས་པ། གོ་སླ་ཕྱིར་ཚིག་གྲུབ་རེ་འགའ་འགྱུར་བ་ཡང་གཏོང་དགོས་བྱུང་།

དགོས་ངེས་ཀྱི་ཆ་རྐྱེན།

སློབ་ཚན་འདི་ལེན་པ་ལ་བོད་པའི་རྒྱུན་སྤྱོད་སྐད་ཆའི་ཁྲོད་ཀྱི་མིང་ཚིག་དང་ཐ་སྙད་རིགས་གོ་ཐུབ་པ་དང་ཅུང་ཟད་འབྲི་ཡང་ཐུབ་པ་ཞིག་ངེས་པར་ཡིན་དགོས།

སློབ་ཁྲིད་བྱེད་མཁན།

Course Staff Image #1

དོན་གྲུབ།

ནོར་གླིང་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་བོད་ཀྱི་རིག་གནས་རབ་འབྱམས་པ་དང་། བོད་ཡིག་འབྲིང་རིམ་དགེ་རྒན་འོས་སྦྱོང་ཐོན། ལོ་ཤས་རིང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་སྣེ་ཤན་སྡེ་ཚན་གྱི་འགན་འཛིན་བྱེད་ཞོར་འཛམ་གླིང་ཡུལ་གྲུ་གང་ས་ནས་ཕེབ་པའི་ཡུལ་སྐོར་བ་ཚོར་བོད་ཀྱི་རིག་གནས་དང་ལག་རྩལ་སྐོར་ངོ་སྤྲོད་བྱེད་མཁན་ནང་ཁུལ་གྱི་སྣེ་ཤན་པ་དང་། གཞུང་འབྲེལ་གྱི་སྐུ་མགྲོན་རྣམས་དང་དེ་བཞིན་འབྲེལ་ཡོད་ཀྱི་མི་སྣ་ཁག་མངལ་སྡེ་ནང་ཁུལ་གྱི་གནས་ཆེན་ཁག་ལ་ཡུལ་སྐོར་ལ་འཁྲིད་མཁན་སྣེ་ཤན་པའི་ལས་ཀ་གཅིག་ལྕོགས་བྱས། ༢༠༡༧ ལོ་ནས་བཟུང་ BDRC ནང་བསྟན་དཔེ་ཚོགས་ལྟེ་གནས་ལ་ལས་ཀ་བྱེད་མོས་དང་ཞོར་དུ་བོད་ཡིག་དགེ་རྒན་བྱེད་བཞིན་པ་བཅས་སོ།།

རྒྱུན་ལྡན་གྱི་དྲི་བ་ཁག

དྲ་སྔོགས་མཉེན་ཆས་གང་གི་ནང་བལྟ་ཐུབ་བམ།

ང་ཚོའི་edX སློབ་ཚན་ཁག་ནི་རབ་བྱུང་ན་Chrome, Firefox, Safari བཅས་ཐོན་གསར་ཤོས་ཁག་དང་། ཡང་ན་ Internet Explorer ཐོན་དགུ་པ་བཅས་ཀྱི་ནང་བལྟ་ཐུབ།

Enroll