ཤིག་ལ་ལུས་སྦྱིན་པའི་གཏམ་རྒྱུད།

<audio controls="controls">

Your browser does not support the audio element.
</audio>

སྔར་བོད་ཡུལ་ན་བཙུན་པ་ཐོགས་མེད་བཟང་པོ་ཟེར་བ་ཞིག་ཡོད། ཉི་མ་གཅིག་ལ། ཁོང་བཞུགས་སའི་ཉེ་འགྲམ་ལ། དབུལ་པོ་ལུས་ལ་ཤིག་གིས་གང་བ་ཞིག་སླེབས། ཐོགས་མེད་བཟང་པོས་དབུལ་བོ་དེ་ལ་ཟས་དང་གོས་ཀྱིས་སྦྱིན་པ་བཏང་། དབུལ་བོ་དེའི་གྱོན་པའི་ནང་ཡོད་པའི་ཤིག་རྣམས་ཤི་རྒྱུ་རེད་བསམས་ནས། དབུལ་བོའི་གོས་དེ་ཐོགས་མེད་བཟང་པོ་རང་ཉིད་ཀྱིས་གྱོན་ཏེ་བསྡད།
ཉི་མ་གཉིས་ཀྱི་རྗེས་སུ་ཐོགས་མེད་བཟང་པོའི་ལུས་ལ་རྨ་མང་པོ་བྱུང་ཞིང་། ཧ་ཅང་ཚབས་ཆེ་བའི་འགོས་ནད་དྲག་པོ་ཞིག་འགོས། ཁོང་གི་དགེ་ཕྲུག་རྣམས་ཀྱིས་དེ་འདྲ་མ་བྱེད། དབུལ་བོ་ལ་ཟས་དང་གོས་ཀྱིས་སྦྱིན་པ་བཏང་ཟིན་པ་རེད། ཁྱེད་རང་ལུས་པོ་ཤིག་ལ་སྦྱིན་པ་བཏང་ནས་ཅི་བྱེད། ཅེས་བཤད་པ་ན། ང་ཡི་ལུས་འདི་སེམས་ཅན་ཐམས་ཅད་ལ་བྱིན་ཟིན་པས། ཤིག་ལ་སྟེར་མི་ཆོག་པ་ཅི་ཡོད། ཅེས་གསུངས་ནས་དབུལ་བོ་དེའི་གྱོན་པ་མུ་མཐུད་དུ་གྱོན་ནས་བསྡད། འགོས་ནད་ཇེ་ཆེར་སོང་བ་དང་། ཤིག་ཀྱང་ཇེ་མང་དུ་སོང་། ཐོགས་མེད་བཟང་པོ་ཁོ་རང་གི་གཟུགས་པོ་ཡང་ཧ་ཅང་བདེ་བོ་མེད་ན་ཡང་། སྒོམ་ཉམས་ལེན་བྱེད་པ་མཚམས་མ་ཆད་པར་བཞུགས།
ཁོང་གི་དགེ་ཕྲུག་ཚོས་ཇི་ལྟར་བཤད་ཀྱང་མ་ཉན་པས། བླ་མ་འཇམ་པའི་དབྱངས་དོན་ཡོད་གྲུབ་པ་ཟེར་བ་གདན་འདྲེན་ཞུས། བླ་མ་དེས་ཐོགས་མེད་བཟང་པོ་ལ་ཤིག་ཡོད་པའི་གྱོན་པ་དེ་མ་གྱོན་ན་ཡག་པོ་འདུག ཁྱེད་རང་གིས་གཞན་དོན་མང་པོ་བསྒྲུབ་དགོས་པ་ཡིན། ད་ལྟ་ནས་ལུས་སྦྱིན་པར་བཏང་ནས་མྱ་ངན་ལས་འདས་མི་རུང་ཞེས་གསུངས་པ་ན། གཞན་ལ་ཕན་པ་མེད་ན་བདེ་བ་ཡང་སྤོང་དགོས་ཤིང་། གཞན་ལ་ཕན་པ་ཡོད་ན་དམྱལ་བ་མནར་མེད་ཀྱི་སྡུག་བསྔལ་ཀྱང་མྱོང་དགོས་པ་ཡིན་ཞེས་གསུངས་ནས་གྱོན་པ་མུ་མཐུད་དུ་གྱོན་ཏེ་བཞུགས། འོན་ཀྱང་། རྗེས་སུ་རིམ་གྱིས་ཤིག་རྣམས་མེད་པར་གྱུར་ཞིང་། བཙུན་པ་ཐོགས་མེད་བཟང་པོའི་ལུས་ལ་འགོས་པའི་ནད་ཀྱང་དྲག་སོང་བ་རེད། <o:p></o:p>