ཤེས་བྱ་ཀུན་ཁྱབ་རྩ་འགྲེལ།

གཉིས་པ་༼ལྷུམས་སུ་ཞུགས་པའི་མཛད་པ་༽ནི།

འཛམ་གླིང་ཚེ་ལོ་བརྒྱ་པར་ཡུལ་དབུས་སུ། །

རྒྱལ་རིགས་ཡབ་དང་སྒྱུ་འཕྲུལ་ལྷུམས་སུ་ཞུགས། །

དེའང་མིའི་གླིང་གཞན་གསུམ་ལས་ཁྱད་པར་དུ་འཕགས་པ་ཛམྦུའི་གླིང༌། ཚེ་ལོ་བརྒྱད་ཁྲི་པ་ཡན་ཆད་ལོངས་སྤྱོད་ཀྱི་འབྱོར་པ་ཆེ་བས་ཡིད་འབྱུང་བར་དཀའ་ཞིང༌། ལོ་བརྒྱ་པ་མན་ཆད་ཀྱང་སྙིགས་མ་ལྔ་ཧ་ཅང་བདོ་བས་མི་ཁོམ་པར་སྣང་བས་དེ་དག་གི་སྐྱོན་མེད་པས་སྐྱེ་དགུ་གདུལ་སླ་བར་གྱུར་པའི་དུས་ཚེ་ལོ་བརྒྱ་པ། རྩོད་དུས་ལ་ལྟོས་ཏེ་ཡུལ་གྱི་སྐྱོན་གྱི་ཆ་ནས་སྨད་དུ་མེད་པ་དབུས་འགྱུར་འཆང་གི་ཡུལ། འཇིག་རྟེན་འདིར་རེས་འགའ་རྒྱལ་རིགས་དང་རེས་འགའ་བྲམ་ཟེའི་རིགས་གཙོ་བོར་བཀུར་བ་ལས་ད་ལྟ་རྒྱལ་རིགས་བཀུར་བས་མང་བཀུར་གྱི་རྒྱལ་བརྒྱུད་རིགས་ཕུན་སུམ་ཚོགས་པའི་ཡོན་ཏན་དྲུག་ཅུ་རྩ་བཞིས་བརྒྱན་པ་ཡབ་རྒྱལ་པོ་ཟས་གཙང་མ་དང༌། ཡུམ་ཡང་བུད་མེད་ཀྱི་ཡོན་ཏན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ་ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ལ་གཟིགས་ནས། གླང་པོ་ཆེའི་ཕྲུ་གུ་ཐལ་ཀར་མཆེ་བ་དྲུག་པའི་ཚུལ་གྱིས་ཡུམ་གསོ་སྦྱོང་བླངས་པའི་གློ་གཡས་པར་ཞུགས་ནས་ལྷུམས་སུ་ཙནྡན་གྱི་ཁང་བུ་བརྩེགས་པར་བྱིས་པ་ཟླ་དྲུག་ལོན་པའི་ཚད་ཙམ་པ་ན་བཟའ་དང་བཅས་པ་སྐྱིལ་མོ་ཀྲུང་གིས་བཞུགས་ཏེ་སྟོང་གསུམ་གྱི་ཟིལ་དངར་རོ་བཅུད་ཚངས་པ་ཆེན་པོས་ཕུལ་བ་བཞེས་ནས་སྐུ་ལུས་བརྟས་པར་མཛད་དོ། །དེ་ལ་གཟིགས་པ་བཞི་ནི། གླིང་དང་དུས་དང་ཡུལ་དང་རིགས་ཏེ་གོང་དུ་སྨོས་པ་ལྟར་ལ། གཟིགས་པ་ལྔ་ནི། རྒྱལ་རིགས་དང༌། ཡུལ་དབུས་དང༌། ཚེ་ལོ་བརྒྱ་པའི་དུས། ཤཱཀྱའི་རིགས་བརྒྱུད། བྱང་ཆུབ་སེམས་དཔའ་ཟླ་བ་བཅུར་ལྷུམས་སུ་འཛིན་པར་ནུས་པའི་ཡུམ་སྟེ་ལྔ་ལ་གཟིགས་པ་ལུང་དང་མངོན་འབྱུང་ནས་གསུངས་ཤིང༌། སྙིགས་མ་ལྔ་ནི། ཚེ་དང༌། དུས་དང༌། ལྟ་བ་དང༌། སེམས་ཅན་དང༌། ཉོན་མོངས་པའོ། །དེ་ཡང་ཚེའི་སྙིགས་མ་དང་དུས་ཀྱི་སྙིགས་མས་སྲོག་དང་ཡོ་བྱད་རྒུད་པར་བྱེད། ཉོན་མོངས་པ་དང་ལྟ་བའི་སྙིགས་མས་དགེ་བའི་ཕྱོགས་རྒུད་པར་བྱེད། སེམས་ཅན་གྱི་སྙིགས་མས་གཟུགས་རྒུད་པར་བྱེད་ཅིང༌། གཞན་ཡང་ནད་མེད་པ་དང༌། སྟོབས་དང༌། བློ་དང༌། བརྩོན་འགྲུས་དང༌། བསམ་གཏན་ཉམས་པར་བྱེད་པའོ། །

གསུམ་པ་༼སྐུ་བལྟམས་པའི་མཛད་པ་༽ནི།

ངོ་མཚར་མཚན་མ་བྱེ་བ་སྙེད་དང་བཅས། །

ལུམྦི་ནཱི་ཡི་ཚལ་དུ་དོན་གྲུབ་བལྟམས། །

ལྷུམས་སུ་ཟླ་བ་བཅུ་ཚང་བར་བཞུགས་པའི་ཚེ་ལྷ་མི་ཁྲག་ཁྲིག་སུམ་ཅུ་རྩ་དྲུག་ཐེག་པ་གསུམ་ལ་སྨིན་པར་མཛད་དེ་བལྟམས་པའི་སྔ་ལྟས་སུམ་ཅུ་རྩ་གཉིས་དང༌། གླིང་ཆེན་པོ་བྱེ་བ་ཕྲག་བཞིའི་དབུས་སུ་ཨ་ཤྭཏྠའི་ལྗོན་པ་སྐྱེ་བ་དང༌། གླིང་ཕྲན་རྣམས་སུ་ཙནྡན་གྱི་ཚལ་སྐྱེ་བ་དང༌། སེར་སྐྱའི་གྲོང་གི་ཁོར་ཡུག་ཏུ་བདེ་བའི་འབྱོར་པ་ཚད་མེད་པ་རང་བཞིན་གྱིས་འབྱུང་བ་སོགས་ངོ་མཚར་བའི་མཚན་མ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་སྙེད་ཀྱིས་ཞིང་ཐམས་ཅད་ཡོངས་སུ་གཏམས་པ་དང་བཅས། ལུམྦི་ནཱིའི་སྐྱེད་མོས་ཚལ་དུ་དབོ་ཟླའི་ཚེས་བརྒྱད་རྒྱུ་སྐར་རྒྱལ་དང་ལྡན་པའི་དུས་སུ་ཡུམ་ལ་གནོད་པ་མེད་པར་དཀུ་གཡས་བརྟོལ་ཏེ་མཚན་དཔེའི་དཀྱིལ་འཁོར་གསལ་མ་ཐག་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་ལྷ་ཀླུ་རྣམས་ཀྱིས་མཆོད་ཅིང་བསྙེན་བཀུར། ཕྱོགས་བཞིར་ཞབས་ཀྱིས་གོམས་པ་བདུན་བདུན་བོར་ཏེ་སྟོང་ཆེན་པོའི་སེམས་ཅན་ཐམས་ཅད་དབུགས་དབྱུང་བའི་གསུང་དབྱངས་ཕྱུང༌། ཡབ་རྒྱལ་པོས་བལྟམས་པའི་ངོ་མཚར་ལས་བརྩམས་ཏེ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་མཚན་ཕུལ། སེར་སྐྱའི་གཞིར་མ་མ་སུམ་ཅུ་རྩ་གཉིས་ཀྱིས་བསྐྱེད་བསྲིངས། ཤཱཀྱ་གཏུམ་པོ་གཟུ་ལུམ་ཅན་རྣམས་ཀྱི་ནང་དུ་ཐུབ་པ་བཞིན་གནས་པས་མཚན་གཉིས་པ་ཤཱཀྱ་ཐུབ་པ་ཞེས་བཏགས། ཤཱཀྱ་རྣམས་ཀྱི་ལྷ་གནོད་སྦྱིན་ཤཱཀྱ་འཕེལ་སོགས་འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་ཞབས་ལ་ཕྱག་བྱས་པས་ཡབ་ཀྱིས་མཚན་གསུམ་པ་ལྷའི་ཡང་ལྷ་ཞེས་པ་བཏགས། དྲང་སྲོང་ནག་པོ་ཉོན་མོངས་མེད་ཀྱིས་སངས་རྒྱས་སུ་འགྱུར་བ་ལུང་བསྟན་ཏོ། །

བཞི་པ་༼བཟོ་ཡི་གནས་ལ་མཁས་པའི་མཛད་པ་༽ནི།

ཡིག་རྩིས་རི་མོ་འཕོང་སྟོབས་བརྟག་དཔྱད་གཏམ། །

ལུགས་མང་སྒྱུ་རྩལ་བཟོ་ཡི་གནས་ལ་མཁས། །

བྱང་ཆུབ་སེམས་དཔའ་ཤེས་བྱའི་གནས་ཐམས་ཅད་ཀྱི་མཐར་སོན་ཀྱང་གདུལ་བྱ་གྲངས་མེད་པ་སྨིན་པའི་སླད་དུ་ཡི་གེ་སློབ་པའི་གྲར་བྱོན་ཏེ་ཡིག་མཁན་ཀུན་གྱི་བཤེས་གཉེན་ལས་སློབ་པ་ལྟར་མཛད་ཅིང་དེས་མིང་ཙམ་ཡང་མ་ཐོས་པ་མང་པོ་བསྟན་པ་དང༌། དགུང་ལོ་བཅུ་དྲུག་རྫོགས་པ་ན་ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་ལྷ་མོ་དཔལ་ཆེན་མོའི་སྤྲུལ་པ་ས་འཚོ་མ་རྒྱལ་བའི་རུ་མཚོན་དུ་བཞག་ནས་ཤཱཀྱ་གཞོན་ནུ་ལྔ་བརྒྱ་དང་རྩལ་འགྲན་པའི་ཐོག་མར་རྩིས་པ་ཆེན་པོ་ཤཱཀྱ་སྲིད་སྒྲུབ་དཔང་དུ་བཙུགས་ཏེ་གྲངས་ཀྱི་གནས་འགྲན་པ་ལ་དབང་པོ་དང་བཅས་པ་ཀུན་གྱིས་བྱང་ཆུབ་སེམས་དཔའི་ཆ་ཙམ་ལའང་འགྲན་པར་མ་ནུས་ཤིང༌། དེ་བཞིན་དུ་རི་མོའི་འདུ་བྱེད་དང༌། འཕོང་དང་སྟོབས་དང་བརྟག་དཔྱད་དང་གཏམ་དང་རྐྱལ་དང་བང་དང་འདེགས་མཆོངས་ལ་སོགས་པ་ལུགས་སྲོལ་ཤིན་ཏུ་མང་པོའི་སྒྱུ་རྩལ་དང་བཟོའི་གནས་ཡོད་དོ་ཅོག་ལ་ཤིན་ཏུ་མཁས་པས་སུས་ཀྱང་འགྲན་ཟླ་མེད་པར་གྱུར་ཏེ། ལྷས་བྱིན་ལ་སོགས་པ་རིགས་དང་སྟོབས་ཀྱི་ང་རྒྱལ་ཅན་རྣམས་ཀྱང་དུལ་བར་མཛད་དོ། །

ལྔ་པ་༼བཙུན་མོའི་འཁོར་དུ་རོལ་པའི་མཛད་པ་༽ནི།

ཡོན་ཏན་ཀུན་ཚང་ས་འཚོ་གྲགས་འཛིན་སོགས། །

བཙུན་མོ་དྲུག་ཁྲིའི་འཁོར་རོལ་སྨིན་པར་མཛད། །

གཟུགས་བཟང་དར་བབ་དྲེགས་པ་དང་བྲལ་ཞིང་གཏོང་ལ་དགའ་བ་སོགས་བུད་མེད་རིན་པོ་ཆེའི་ཡོན་ཏན་ཀུན་ཚང་བ་ས་འཚོ་གྲགས་འཛིན། རི་དྭགས་སྐྱེས་ཏེ་སོ་སོ་འཁོར་ཉི་ཁྲི་དང་བཅས་པ་བཙུན་མོ་དྲུག་ཁྲིའམ་བརྒྱད་ཁྲི་བཞི་སྟོང་གི་ཚོགས་ཀྱིས་འཆི་མེད་ཀྱི་འདུན་ས་ལྟ་བུའི་གླུ་དབྱངས་རོལ་མོའི་སྒྲ་ལ་སོགས་པ་བཀོད་པ་ཕུལ་དུ་བྱུང་བས་མཆོད་ཅིང༌། དེ་དག་གི་ནང་དུ་རྩེ་ཞིང་རོལ་པ་ལ་སོགས་ཐབས་ལ་མཁས་པའི་མཛད་པས་བཙུན་མོའི་འཁོར་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་མཛད་དོ། །

དྲི་བ་དང་པོ། is only accessible to enrolled learners. Sign in or register, and enroll in this course to view it.

དྲི་བ་གཉིས་པ། is only accessible to enrolled learners. Sign in or register, and enroll in this course to view it.

དྲི་བ་གསུམ་པ། is only accessible to enrolled learners. Sign in or register, and enroll in this course to view it.

དྲི་བ་བཞི་བ། is only accessible to enrolled learners. Sign in or register, and enroll in this course to view it.